Sinphu Samten Tsemo Lhakhang

Description

སྲིན་ཕུ་བསམ་གཏན་རྩེ་མོ་གི་ལྷ་ཁང་འདི་ ཐོག་ཚད་གཉིས་ཡོདཔ་དང་། གཡས་གཡོན་གྱི་ཟུར་གཉིས་ལས་མར་འཁྱམས་ར་ཐོག་ཚད་གཉིས་ཅན་རེ་སྦེ་ ད་རེས་ནངས་པ་གི་འབྲུག་པའི་སློབ་གྲྭ་གི་བཟོ་རྣམ་བཟུམ་ཅིག་ཡོད། འདི་ཡང་ ཀྲོང་གསར་སྦྱི་ཟམ་ལས་ ཆུ་ཚོད་གཉིས་དེ་ཅིག་སོ་ནམ་ཞིང་ལམ་བརྒྱུད་དེ་འགྱོཝ་ད་ སྲིན་ཕུ་གཡུས་ཀྱི་རི་མགོ་ལུ་ས་ཆ་གདིང་གཤོང་ཆུང་ཀུ་ཅིག་ཡོད་མི་འདི་ཁར་ཆགས་ཏེ་ཡོདཔ་ཨིན།

Sinphu Samten Tsemo Lhakhang (temple) is a two-storey stone and wooden house with additional two-storey temples attached to each side. The temple is located at 2650m at the top of Sinphu village, a two-hour drive up a farm road that wends its way off the Wangdue–Trongsa highway at the Bjeezam bridge, the site of a police checkpoint.

simphu

History

སྲིན་ཕུ་བསམ་གཏན་རྩེ་མོ་གི་ལྷ་ཁང་འདི་ གཏེར་སྟོན་རྡོ་རྗེ་གླིང་པའི་གདུང་སྲས་ ཆོས་དབྱིངས་རྒྱ་མཚོ་གི་སྲས་ ངག་དབང་པད་དཀར་མཆོག་གིས་བཞེངས་བཞེངསམ་ཨིན་རུང་། དུས་ཚོད་ནམ་ཨིན་ན་གི་གཏན་འཁེལ་གཅིག་མིན་འདུག ཨིན་རུང་ཚོད་དཔག་འབད་དེ་བལྟཝ་ད་ རྡོ་རྗེ་གླིང་པའི་དུས་ཚོད་འདི་སྤྱི་ལོ་༡༣༤༦ལས་༡༤༠༧ཚུན་ཚོད་ཨིནམ་དང་། རྡོར་གླིང་འབྲུག་ལུ་བྱོན་པའི་ལོ་འདི་སྤྱི་ལོ་༡༣༧༠ལུ་ཨིནམ་ལས་ དེ་ལས་བརྒྱུད་པའི་མི་བརྒྱུད་གསུམ་པ་ ངག་དབང་པད་དཀར་སྐུ་ན་སོན་པའི་བར་ན་ཉུང་ཐར་ལོ་ངོ་ལྔ་བཅུ་ལྷག་ཙམ་འགྱོ་དགོཔ་ངེས་བདེན་ཨིན་མས། དེ་འབདཝ་ལས་ལྷ་ཁང་འདི་ ཧ་ལམ་དུས་རབས་བཅོ་ལྔ་པའི་དཀྱིལ་ཙམ་ཅིག་ལུ་བཞེངས་བཞེངསམ་འོང་ནི་མས།

Although we know that Sinphu Samten Tsemo Lhakhang was founded by Ngawang Pekar, the son of Terton Dorji Lingpa’s son, Choying Gyatso, the date of construction is unknown. What we do know, however, is that Dorji Lingpa lived from 1346–1407 and that he came to Bhutan in 1370. Since Ngawang Pekar was Dorji Lingpa’s grandson, we can estimate at least a 50-year interval. Therefore, Sinphu Samten Tsemo Lhakhang must have been founded in the mid– to late–15th century.

དེ་སྒང་ལྷ་ཁང་ཐོག་ཚད་གཅིག་འབད་མི་གཅིག་དང་། ནང་རྟེན་གཙོ་བོ་གུ་རུ་གཙོ་འཁོར་གསུམ་ལས་མེདཔ་ཨིན་རུང་། ཤུལ་ལས་ ཤར་རྩིབས་ལོགས་ལས་ རྡོར་གླིང་གི་བརྒྱུད་པ་ཨིན་མི་ རྗེ་མཁན་ཁྲི་རབས་༦༧པ་རྗེ་ཡེ་ཤེས་སེང་གེ༼༡༩༠༦་༡༩༦༩༽མཆོག་ རྗེ་མཁན་མ་མཛད་པའི་ཧེ་མ་ སྤྱི་ལོ་༡༩༤༣ལས་༡༩༦༠ཚུན་ཚོད་ ལོ་ངོ་༡༨གི་རིང་སྲིན་ཕུ་བླ་མའི་གོ་གནས་བཞེས་ཏེ་བཞུགས་པའི་སྐབས་ལུ་ སྲིན་ཕུ་ལྷ་ཁང་རྒྱ་བསྐྱེད་མཛད་གནང་ནུག འདི་ཡང་ལྷ་ཁང་ཐོག་གཅིག་མ་འདི་ཐོག་ཚད་གཉིས་སྦེ་རྒྱ་བསྐྱེད་མཛད་གནང་སྟེ། སྟེང་ཐོག་ལུ་ གུ་རུ་ལྷ་ཁང་དང་མགོན་པོ་མ་ནིང་གི་མགོན་ཁང་། འོག་ཐོག་རྟ་མགྲིན་དང་ཕག་མོ་ཡབ་ཡུམ་གྱི་ལྷ་ཁང་དང་བཅས་པ་བཞེངས་གནངམ་མ་ཚད། གཡས་གཡོན་གྱི་ཕྱོགས་གཉིས་ལུ་ བླམ་དང་བསྒོམ་ཆེན་ཚུ་གི་བཞུགས་གནས་ འཁྱམས་ར་ཐོག་ཚད་གཉིས་སྦེ་མི་དེ་ཡང་བཞེངས་གནང་ནུག
དེ་ལས་གཡོན་ཕྱོགས་ཀྱི་འཁྱམས་རའི་སྟེང་ཐོག་བླ་མའི་ལྷ་ཁང་འདི་ སྤྱི་ལོ་༡༩༥༠ཡན་མན་གཅིག་ལུ་ འབྲུག་རྒྱལ་གཉིས་པའི་གཟིམ་དཔོན་དཔལ་འབར་གྱིས་བཞེངས་ཡོདཔ་དང་། དེ་གི་འོག་ཐོག་སྒྲོལ་མའི་ལྷ་ཁང་འདི་ ད་ལྟོ་ཡོད་པའི་སྲིན་ཕུ་བླམ་དོན་གྲུབ་མཆོག་གིས་སྤྱི་ལོ་༡༩༨༧མེ་ཡོས་ལོ་ལུ་བཞེངས་ཡོདཔ་ཨིན་མས། ལྷ་ཁང་མཐའ་སྐོར་གྱི་མ་ཎི་ལག་འཁོར་འདི་བླམ་དོན་གྲུབ་མཆོག་གིས་སྤྱི་ལོ་༡༩༩༡ལུ་བཙུགས་ཡོདཔ་དང་། མགོན་པོ་མ་ཎིང་གི་མགོན་ཁང་འདི་ ཧེ་མ་འབད་བ་ཅིན་གུ་རུ་ལྷ་ཁང་དང་གཅིག་ཁར་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༦ལུ་ བླམ་དོན་གྲུབ་མཆོག་གིས་ མགོན་ཁང་འདི་ལོགས་སུ་བཏོན་ཏེ་ གཡོན་ཕྱོགས་ཀྱི་ཟུར་ཁར་སྤོ་བཤུད་མཛད་གནངམ་མ་ཚད། མགོན་ཁང་འདི་ནང་ གནས་བདག་སྨུག་བཙན་གྱི་བཀའ་ཁྲབ་ཡང་ གསར་བཞེངས་གནང་ནུག

During this period, the temple was the one-storey Guru Tsokhor Sum, but in the 20th century one of Dorji Lingpa’s descendants, who eventually became the 65th Je Khenpo Yeshi Singye (1906–1969), served as a Sinphu Lama, from 1943–1960. At that time, he expanded the structure to two storeys. The Guru Lhakhang and Gonpo Maning Lhakhang are on top of the central structure, and the Tandin and Phagmo temples are on the first storey. Yeshi Singye also built an extra two-storey structure with temples for the residence of the lam (head of the monastery) and lay practitioners (gomchen).

Around the 1950s, the 2nd king’s chamberlain, Pelbar, constructed the Lama Lhakhang on top of the left side lhakhang, and in 1987 the present Sinphu lama, Dondup, constructed the Drolma Lhakhang on its ground floor. In addition, in 1991 Lama Dondup erected hand prayer wheels surrounding the lhakhang, and in 2006 he constructed the separate Gonkhang on the left side of the lhakhang and therein added the armour of Muktsen, the local protective deity.

Architecture and Artwork

ལྷ་ཁང་གི་བཟོ་བཀོད་འདི་ཡང་ རང་ལུགས་སྔར་སྲོལ་འབྲུག་པའི་རང་ལུགས་སྦེ་ རྩིགཔ་དང་ཤིང་གིས་བཟོ་བཟོཝ་ཨིནམ་མ་ཚད། དེ་ཡང་དབུས་ཀྱི་ལྷ་ཁང་ལུ་བསྐོར་ར་རྐྱབ་སྟེ་མ་ཎི་ལག་འཁོར་དང་། མཐའ་འཁོར་གཡས་གཡོན་གྱི་འཁྱམས་ཡན་ལག་ལྷ་ཁང་དང་། བླམ་དང་བསྒོམ་ཆེན་ཚུ་གི་བཞུགས་གནས་སྦེ་བཟོ་སྟེ་ཡོདཔ་ཨིན།

The temple is a two-storey Bhutanese structure, with wood, stones, and mortar forming the main base. Hand prayer wheels surround the central and small lhakhangs. The residences of the lama and lay practitioners stand surrounding the courtyard.

Social and Cultural Functions

ལྷ་ཁང་འདི་མི་སྡེའི་ལྷ་ཁང་གཅིག་ཨིན་རུང་། དེ་གི་བདག་འཛིན་འདི་ སྲིན་ཕུ་བླམ་དང་། དེ་ནང་བཞུགས་མི་བསྒོམ་ཆེན་ཚུ་གིས་བདག་འཛིན་འཐབ་དོ་ཡོདཔ་ཨིན་མས། ཧེ་མ་འབད་བ་ཅིན་ སྒོམ་ཆེན་དྲུག་ཅུ་དེ་ཅིག་ཡོདཔ་ཨིན་རུང་ ད་རེས་ནངས་པ་སྒོམ་ཆེན་ཁལ་གཅིག་ཙམ་ཅིག་ལས་མེདཔ་ཨིན་མས། དེ་ལས་ལོ་ལྟར་གྱི་དུས་ཆེན་ཚུ་གི་སྐབས་ལུ་ ཟ་འཐུང་ཆུ་ཀུ་གི་རིགས་ཚུ་དགོན་པ་རང་གི་འགྲོ་སོང་གཏང་དོ་ཡོདཔ་དང་། ཚོགས་འཁོར་སྦོམ་གྱི་རིགས་ཚུ་ གཡུས་ཁ་གི་མི་སེར་ཚུ་གིས་སྦྱིན་བདག་འབད་དོ་ཡོདཔ་ཨིན་མས།

Although this temple belongs to the local community, the resident Sinphu lama and lay practitioners take care of it. Earlier, there were around sixty lay practitioners, but this number has now decreased to twenty. The temple sponsors all necessary items for yearly religious services, and local villagers sponsor the grand Tshokhor (religious feast) ritual.

The temple’s income comes from money received for rituals performed in the villages, and solphog (a scholarship) comes from the Trongsa dzong for the lama, the umdze (one who leads the chant), the kudrung (discipline controller), and the chopon (one who serves the offering).

ལོ་ལྟར་གྱི་དུས་མཆོད།

  • ཟླ་བ་དང་པའི་ནང་བཀའ་འགྱུར་དག་ཚར། ཟླ་བ་དང་པའི་༢༥ལུ་རྗེ་ཡེ་ཤེས་སེང་གེའི་སྐུ་མཆོད།
  • ཟླ་གཉིས་པའི་༢༥ལུ་ངག་དབང་པད་དཀར་གྱི་སྐུ་མཆོད།
  • ཟླ་བ་གསུམ་པའི་ཚེས་༣ལུ་ཀྲོང་གསར་གྱི་གནས་བདག་སྨུག་བཙན་གྱི་ཆོ་ག་སྐུ་རྐྱང་། ཚེས་༡༠ལུ་ཞབས་དྲུང་སྐུ་མཆོད།
  • ཟླ་བ་བཞི་པའི་ཚེས་༡༥ལུ་སྒྲོལ་ཆོག
  • ཟླ་བ་ལྔ་པའི་ཚེས་༡༠ལུ་སྤྲེལ་ཟླ་ཚེས་བཅུ། ཟླ་བ་ལྔ་པའི་ཉིན་ལོག་དང་བསྟུན་བླ་མ་རྒྱལ་བ་རྒྱ་མཚོའི་བསྐང་གསོ་ཉིནམ་གཉིས།
  • ཟླ་བ་དྲུག་པའི་ཚེས་༤ལུ་སྒྲོལ་ཆོག་དང་། དེ་ལས་བདུན་ཕྲག་གཅིག་གི་རིང་ལུ་བཀའ་འགྱུར་དག་ཚར།
  • ཟླ་བ་བདུན་པའི་ཚེས་༦ལས་༡༠ཚུན་ཉིན་ལྔའི་རིང་ལུ་གསོལ་འདེབས་འབུམ།
  • ཟླ་བ་དགུ་པའི་༡༥ལུ་བསྐང་གསོ། ཚེས་༢༢ལུ་ལྷ་བབས་དུས་ཆེན།
  • ཟླ་བ་༡༡པའི་ཚེས་༡༤ལས་ཡོངས་གྲགས་ཅན་གྱི་སྲིན་ཕུ་བསྙུང་གནས།

1. Kanjur reading (recitation of the Buddhist canon): 1st month of the Bhutanese calendar; Je Yeshi Singye Kuchoe (prayer for the death anniversary of Je Yeshi Singye): 25th day of the 1st month

2. Prayer for the death anniversary of Ngawang Pekar (Ngawang Pekar Kuechoe): 25th day of the 2nd month

3. Ritual for Muktsen, the local deity of Trongsa (Trongsa neydag Muktsen choga kuchyang): 10th day of the 3rd month

4. Prayer to Drolma/Tara (Drol chog): 15th day of the 4th month

5. Prayers related to Guru Rinpoche (Telda Tsechu) 10th day of the 5th month

6. Grand offering to Pema Lingpa (Lama Gyalwa Gyatsho Kangso): 2 days in the 5th month

7. Prayer to Drolma/Tara (Drol chog) and Kanjur reading (recitation of the translated teachings of the Buddha): 7 days starting from the 4th day of the 6th month

8. Recitation of the Guru prayer 100,000 times (Soldeb Bum): 6th–10th days of the 7th month

9. Offering to the guardian deities (Kangso): 15th day of the 9th month

10. Descending Day of Lord Buddha (Lhabab Duechen): 22nd day of the 9th month

11. Fasting prayer (Sinphu Nyungne), a reknowned ritual for local people and the Trongsa dzongkhag: beginning the 14th day of the 11th month

Informants

Sinphu Lama Dondup, caretaker of Sinphu Samten Tsemo Lhakhang, Sinphu village
Ap Thubpa, Mangmi, 2014

Researcher

Samten Wangchuk, Lecturer, Institute of Language and Culture Studies, 2014

(Click on the Thumbnails to view the Photo Gallery)